སེར་བྱེས་རྒྱ་སྐད་སྡེ་ཚན།
ཕྱི་ལོ་ ༢༠༡༥ ལོར་རྒྱ་སྐད་སྡེ་ཚན་འདི་ཉིད་ཐོག་མར་ཤེས་ཡོན་སྡེ་ཚན་གྱི་ཁོངས་སུ་བཙུགས་ཤིང་། དགོས་དམིགས་ནི། རྒྱ་སྐད་དང་རྒྱ་ཡིག་ལ་དོན་གཉེར་ཅན་ཚོར་དམིགས་པ་ཞིག་ཡིན། འཛིན་གྲྭ་ལ་ཁག་གཉིས་ཡོད་དེ། རྒྱ་ཡིག་རྨང་གཞི་འཛིན་གྲྭ་དང་། ནང་ཆོས་ཐ་སྙད་འཛིན་གྲྭ་བཅས་ཡོད། སྡེ་ཚན་འདིས་རྒྱ་ཡིག་སློབ་ཁྲིད་ཙམ་མ་ཡིན་པར་གྲྭ་ཚང་གི་གསུང་ཆོས་ཁག་དང་འབྲེལ་ཡོད་རྒྱ་རིགས་སྣེ་ཤན་སྐབས་སུ་སྐད་སྒྱུར་དང་། གཞན་ཡང་གྲྭ་ཚང་གི་ཡིག་ཆ་རྒྱ་ཡིག་ནང་སྒྱུར་དགོས་རིགས་དང་། གྲྭ་ཚང་གི་ཡན་ལག་ཆོས་ཚོགས་ནང་ནང་ཆོས་སློབ་ཁྲིད་སྐབས་རྒྱ་སྐད་སྒྱུར་རོགས་དགོས་ཚེ་འདི་ནས་གོ་སྒྲིག་ཞུ་བཞིན་ཡོད།
<br>
རྒན་ལྷག་པ་དོན་གྲུབ།
གྲ་ཚང་གི་ངོ་སྤྲོད། ༡༤༤༨༥
ལས་གནས། རྒྱ་སྐད་སྡེ་ཚན་གྱི་འགན་འཛིན།
ལོ་དུས། ༢༠༢༢ ཟླ་ ༤ ཚེས་ ༡ ནས།
འབྲེལ་གཏུག་ཨང་། 89719 15101
