སེར་བྱེས་ཨིག་ནོ་དང་ནིའུསི་ཡན་ལག་ངོ་སྤྲོད།

༄༅། །སེར་བྱེས་ཨིག་ནོའུ་དམིགས་བསལ་ཤེས་ཡོན་ལྟེ་གནས་ཁང་།

Indira Gandhi National Open University (IGNOU)

इंदिरा गांधी राष्ट्रीय मुक्त विश्वविद्यालय (इग्नू)

SERA JEY-IGNOU SPECIAL STUDY CENTRE-13156D

༈ སེར་བྱེས་ཨིག་ནོའུ་དམིགས་བསལ་ཤེས་ཡོན་ལྟེ་གནས་ཁང་ནི། ཕྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༢༠ ཉིན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་ཐོག་དབུ་འབྱེད་བསྐྱངས་པ་ཞིག་ཡིན། མཐོ་སློབ་འདི་ནི་སྤྱི་ཚོགས་དང་། ཡང་སྒོས་ཤེས་ཡོན་ཞབས་ཞུ་ཁོ་ནའི་ཆེད་དུ་བཙུགས་པ་དང་། ལྷག་པར་རིས་མེད་དགོན་སྡེ་ཁག་གི་སློབ་མ་གྲྭ་བཙུན་རྣམས་ལ་ཤིན་ཏུ་ཕན་ཐོགས་ཡོད་པ་དང་། དེ་བཞིན་མི་སྐྱ་ཕོ་མོ་དབྱེར་མེད་ས་གནས་རྒྱ་གར་བའི་སློབ་མ་རྣམས་ལ་ཤིན་ཏུ་ཕན་ཐོགས་ཡོད།

ལོ་གཅིག་གི་ལས་རིམ་ནི།

༡)

ལོ་གཅིག་གི་ནང་ཉེ་བའི་གཙུག་ལག་དང་སློབ་དཔོན་གྱི་སློབ་ཕྲུག་གསར་ཞུགས་ཀྱི་དུས་ཐེངས་གཉིས་ཡོད།

༢)

སློབ་ཕྲུག་གསར་ཞུགས་རྣམས་ལ་སློབ་ཚན་གསར་འཛུགས་ཀྱི་བྱེད་སྒོའི་རིམ་པ (Induction Programme) ངོ་སྤྲོད་བྱེད་དགོས།

༣)

ཕྱི་ཟླ་ ༩ པ་དང་ ༡༠ པའི་ནང་སྡེ་ཚན་དང་པོའི་རྒྱུགས་སྤྲོད་ཀྱི་ཐོ་འགོད་བྱེད་དགོས།

༤)

ཕྱི་ཟླ་ ༣ པ་དང་ ༤ པའི་ནང་སྡེ་ཚན་གཉིས་པའི་རྒྱུགས་སྤྲོད་ཀྱི་ཐོ་འགོད་བྱེད་དགོས།

༥)

ཕྱི་ཟླ་ ༡༢ དང་ ༥ ནང་ལོ་སྔོན་གྱི་སྡེ་ཚན་དང་པོའི་གཙུག་ལག་དང་སློབ་དཔོན་གྱི་སློབ་མ་རྣམས་ལམ་རིམ་གཉིས་པའི་བསྐྱར་དུ་ཐོ་འགོད་བྱེད་དགོས།

༦)

ཕྱི་ཟླ་ ༩ པའི་ནང་སྡེ་ཚན་དང་པོའི་ནང་ལས་འབྲི་དགོས།

༧)

ཕྱི་ཟླ་ ༣ པའི་ནང་སྡེ་ཚན་གཉིས་པའི་ནང་ལས་འབྲི་དགོས།

༨)

ཕྱི་ཟླ་ ༦ དང་ ༡༢ ནང་སྡེ་ཚན་གཉིས་ཀྱི་རྒྱུགས་སྤྲོད་གཏོང་དགོས།

 

གཙུག་ལག་སློབ་གཉེར་ཁང་འདི་བཙུགས་ནས་ད་བར་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། གཙུག་ལག་རབ་འབྱམས་པ་ཐོན་ཟིན་པ་དང་ཐོན་བཞིན་པའི་སློ་མ་རྣམས་ཀྱི་ལོ་དུས་དང་སློབ་མའི་གྲངས་ཐོ་གཤམ་གསལ།

 IGNOU ACADEMIC COURSE COMPLETION OVERVIEW: 

ལོ་དུས།

ཉེ་བའི་གཙུག་ལག་རབ་འབྱམས་པ།

གཙུག་ལག་རབ་འབྱམས་པ།

Year

BA

MA

2021

16

10

2022

19

8

2023

15

11

2024

20

18

2025

06

06

 

༄༅། །སེར་བྱེས་ནིའྶོ་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་ཤེས་ཡོན་ལྟེ་གནས་ཁང་།

National Institute of Open Schooling (NIOS)

སེར་བྱེས་ནིའྶོ་འཛིན་རིམ་བཅུ་པའི་ཤེས་ཡོན་ལྟེ་གནས་ཁང་ M08059 ནི་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༥ ཚེས་ ༢༠ ཉིན་དབུ་འབྱེད་བསྐྱངས་པ་དང་། སེར་བྱེས་ནིའྶོ་འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཡོན་ལྟེ་གནས་ཁང་ 080358 ནི་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༡༧ ཉིན་དབུ་འབྱེད་བསྐྱངས་པ་ཞིག་ཡིན།

ལོ་གཅིག་གི་ལས་རིམ་ནི།

༡)

ལོ་གཅིག་གི་ནང་ནི་འྶོ་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་གསར་ཞུགས་ཀྱི་དུས་ཐེངས་གཉིས་ཡོད།

༢)

ཕྱི་ཟླ་ ༣ པའི་ནང་སྡེ་ཚན་དང་པོའི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་གསར་ཞུགས་རྣམས་ཐོ་འགོད་དགོས།

༣)

ཕྱི་ཟླ་ ༩ པའི་ནང་སྡེ་ཚན་གཉིས་པའི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་གསར་ཞུགས་རྣམས་ཐོ་འགོད་དགོས།

༤)

ཕྱི་ཟླ་ ༡ པོ་དང་ ༧ པའི་ནང་ལོ་སྔོན་མའི་སྡེ་ཚན་གཉིས་ཀྱི་སློབ་ཕྲུག་རྣམས་ཀྱི་སློབ་ཚན་རེ་ལ་ནང་ལས་རེ་འབྲི་ཟིན་དགོས།

༥)

ཕྱི་ཟླ་ ༡ པོ་དང ༧ པའི་ནང་ལོ་སྔོན་མའི་སྡེ་ཚན་གཉིས་པའི་སློབ་ཕྲུག་རྣམས་ཀྱི་རྒྱུགས་སྤྲོད་ཀྱི་ཐོ་འགོད་ཟིན་དགོས།

༦)

ཕྱི་ཟླ་ ༢ པ་དང ༨ པའི་ནང་སློབ་ཕྲུག་གསར་ཞུགས་དོ་བདག་སོ་སོ་ལས་རིམ་གྱི་ངོ་སྤྲོད་ (PCP Class) འཛིན་གྲྭར་བཅར་དགོས།

༧)

ཕྱི་ཟླ་ ༣ པ་དང་ ༩ པའི་ནང་ལོ་སྔོན་མའི་སློབ་ཕྲུག་རྣམས་ཀྱི་ནང་ལས་ཀྱི་ (Pratical Exam) རྒྱུགས་སྤྲོད་དགོས།

༨)

ཕྱི་ཟླ་ ༤ པ་དང ༡༠ པའི་ནང་དུ་ལོ་སྔོན་མའི་སློབ་ཕྲུག་རྣམས་ཀྱི་ (Theory Exam) བྲིས་རྒྱུགས་སྤྲོད་དགོས།

དབུས་འབྲིང་རིམ་དང་དབུས་འབྲིང་རིམ་གོང་མ་ཡན་ལག་འདི་གཉིས་ནས་སློབ་ཐོན་ཟིན་པ་དང་སྦྱོང་བཞིན་པའི་སློབ་མ་རྣམས་ཀྱི་ལོ་དུས་དང་སློབ་མའི་གྲངས་ཐོ་གཤམ་གསལ།

NIOS CLASSES   ནིའྶོ་འཛིན་གྲྭ
ལོ་དུས།དབུས་འབྲིང་རིམ་སློབ་གྲྭ་བསླབ་མཐར་སོན་པ།དབུས་འབྲིང་རིམ་གོང་མའི་སློབ་གྲྭ་བསླབ་མཐར་སོན་པ།
YEARSECONDARY SCHOOLSENIOR SECONDARY SCHOOL
20200206
2021       1026
20224530
20234340
20246952
20255718

རྒན་ངག་དབང་ཕུན་ཚོགས།

གྲྭ་ཚང་གི་ངོ་སྤྲོད། ༡༣༢༣༥

ལས་གནས། ཨིག་ནོ་དང་ནིའུསི་འགན་འཛིན།