༢༠༢༦ ལོའི་དབྱིན་སྐད་རིགས་ལམ་འཛིན་གྲྭ་དབུ་འཛུགས་པ།

ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༡ ཉིན་སེར་བྱེས་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་སྐབས་བཞི་པའི་དབྱིན་སྐད་རིགས་ལམ་འཛིན་གྲྭ་དེ་སེར་བྱེས་བཀྲ་ཤིས་ཆོས་གླིང་དུ་དངོས་སུ་དབུ་འཛུགས་གནང་སོང་། དབུ་འབྱེད་ཉིན་སེར་བྱེས་ཕྱག་མཛོད་དགེ་བཤེས་བློ་བཟང་མཁས་གྲུབ་ལགས་དང་། དེང་དུས་ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་གཉིས་དབུ་བཞུགས་ཐོག་ལོ་འདིའི་འཛིན་གྲྭ་ཚུགས་ཕྱོགས་སྐོར་གསལ་བསྒྲགས་དང་། རྒན་ལགས་དང་མཉམ་ཞུགས་པ་སོ་སོའི་ངོ་སྤྲོད་གནང་སོང་། ལོ་འདིར་མཉམ་ཞུགས་པ་བོད་པ་དང་རྒྱ་གར་བ་ཕྱི་རྒྱལ་བ་གྲངས་ ༢༠ དང་། དགེ་རྒན་གྲངས་ ༥ བཅས་ཡོད། གཙོ་བོ་ནི། དབྱིན་སྐད་ཐོག་རིགས་ལམ་སྦྱོང་བརྡར་སློབ་ཁྲིད་དང་། མ་ཟད་ནང་ཆོས་འཛིན་གྲྭ་ཡང་གོ་སྒྲིག་ཞུ་བཞིན་ཡོད།

ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༣༠ ཉིན་མཇུག་བསྡོམས་སྐབས་ཕྱག་མཛོད་ཆེན་མོ་དགེ་བཤེས་བློ་བཟང་ནོར་བུ་དང་ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་དབུ་བཞུགས་ཐོག་དབྱིན་སྐད་རིགས་ལམ་དང་ནང་ཆོས་འཛིན་གྲྭ་དེ་མཇུག་ལེགས་པར་གྲུབ་སོང་། ཉིན་མཐའ་མར་སེར་བྱེས་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་ལ་མཇལ་བཅར་དང་བཀའ་སློབ་ཞུས་སོང་།

Leave a Reply

Your email address will not be published. Required fields are marked *