ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༣༠ རེས་གཟའ་ལྷག་པའི་ཉིན། སེར་བྱེས་མེ་སོར་མཐོ་སློབ་ཀྱི་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་བསླབ་པ་མཐར་སོན་མཛད་སྒོ་སྐབས་གཉིས་པ་དེ། བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་རྟེན་འབྲེལ་གཟབ་རྒྱས་ཐོག་ཚོགས་ཡོད། མཛད་སྒོའི་དབུ་བཞུགས་སྐུ་མགྲོན་གཙོ་བོར་སེར་བྱེས་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། མེ་སོར་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་པྲོ་ཧྥེ་སར་ལོག་ནཏ་ (Prof. […]
རྒྱས་པར་གཟིགས་རོགས།Category: གསར་འཕྲིན།
NIOS འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཕྱག་ཁྱེར་སྩལ་བ།
སེར་བྱེས་ཤེས་ཡོན་སྡེ་ཚན་གྱི་ NIOS འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་རྣམས་ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་བསྩལ་བའི་མཛད་སྒོ་སྤེལ་བ།ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༣༠ རེས་གཟའ་ལྷག་པའི་ཉིན། སེར་བྱེས་ཤེས་ཡོན་སྡེ་ཚན་གྱི་ཁོངས་གཏོགས་ནིའུསི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་རྣམས་ལ་ཕྱག་ཁྱེར་གནང་བའི་མཛད་སྒོ་དེ་བཞིན་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་ཚོགས་ཡོད།སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་པྲོ་ཧྥེ་སར་ལོག་ནཏ་ […]
རྒྱས་པར་གཟིགས་རོགས།བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་འདུ།
བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་འདུ།ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་གིས་དབུས་དབུ་ཆོས་རྣམ་གཉིས་དང་ཚོགས་པ་ཁག་གི་འགན་འཛིན་དང་གྲོས་ཚོགས་འཐུས་མི་རྒྱས་འཛོམས་སར་གྲོས་བསྡུར་ཐག་གཅོད་བྱུང་བ་ལྟར། སྤྱིར་སེར་བྱེས་ཡན་ལག་ཆོས་ཚོགས་ཁག་དང་བཀྲ་ཤིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་གི་ནང་ལོ་མང་སྔོན་ནས་ཕྱི་རྒྱལ་དང་རྒྱ་གར་དང་བོད་རིགས་སོགས་མི་རིགས་འདྲ་མིན་ལ་“ནང་དོན་རིག་པ་”སློབ་ཁྲིད་དང་ཟབ་སྦྱོང་བཅས་གོ་སྒྲིག་གནང་མུས་སུ་ཡོད་ཀྱང་། སློབ་དེབ་ཞིག་གཏན་འབེབས་ཞུ་ཐུབ་ན་སློབ་ཁྲིད་ཀྱང་ཚད་ལྡན་ཞིག་ཡོང་བ་དང་། གཞུང་ཡོངས་རྫོགས་སློབ་ཁྲིད་བྱ་ཐུབ་པ་དང། དགེ་སློབ་གཉིས་ཀར་དཀའ་ཚེགས་ཆུང་བ་སོགས་དགེ་མཚན་དུ་མར་དམིགས་ནས་ཤེས་ཡོན་སྡེ་ཚན་གྱི་ལས་གཞི་ཁྱབ་ཁོངས་ལ་ཚོགས་མི་བདུན་ལས་གྲུབ་པའི་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་བསྐོ་བཞག་བྱུང་ཡོད།དེ་རྗེས་ཚོགས་མི་རྣམས་དངོས་སུ་གདོང་གཏུགས་དང་དྲྭ་ཐོག་བཅས་ཀྱི་ནང་ལྷན་དུ་འཛོམས་ནས་སློབ་དེབ་རྩོམ་སྒྲིག་བྱ་ཚུལ་སྐོར་ལ་བགྲོ་གླེང་ལན་མང་བྱས་པ་བརྒྱུད། […]
རྒྱས་པར་གཟིགས་རོགས།ནིའུསི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ནང་རྒྱུགས་འགོ་བཙུགས།
༢༠༢༦ ལོའི་སེར་བྱེས་ནིའུསི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་རྣམས་ཀྱིས་ཤེས་ཡོན་སྡེ་ཚན་ཚོགས་ཁང་ནང་ནང་ལས་རྒྱུགས་སྤྲོད་བཏང་ཡོད། སེར་བྱེས་ནིའུསི་ཤེས་ཡོན་བསྟི་གནས་ཁང་གི་ཡན་ལག་འཛིན་རིམ་བཅུ་པ་དེ་ཕྱི་ལོ་ ༢༠༢༢ ལོར་གཞུང་འབྲེལ་ངོས་བཞེས་ཐོབ་ནས་དབུ་འབྱེད་བསྐྱངས་པ་དང་། འཛིན་རིམ་བཅུ་གཉིས་དེ་ཕྱི་ལོ་ ༢༠༢༥ ལོར་དབུ་འབྱེད་བསྐྱངས་པ་ཞིག་ཡིན།
རྒྱས་པར་གཟིགས་རོགས།སེར་བྱེས་མེ་སོར་མཐོ་སློབ་སྡེ་ཚན་གྱི་ནང་རྒྱུགས་འགོ་བཙུགས།
ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༧ དང་ ༩ ཉིན་གཉིས་ཀྱི་རིང་སེར་བྱེས་མེ་སོར་མཐོ་སློབ་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྡེ་ཚན་གསུམ་གྱི་སློབ་མ་རྣམས་ནང་རྒྱུགས་དང་པོ་བླངས་ཡོད་པ་དང་། སྐབས་དེར་གྲྭ་ཚང་གི་ཕྱག་མཛོད་ཆེན་མོ་དགེ་བཤེས་བློ་བཟང་ནོར་བུ་དང་། ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་གཉིས་གཟིགས་སྐོར་ལ་ཕེབས་སོང་། 2026-2027 […]
རྒྱས་པར་གཟིགས་རོགས།༢༠༢༦ སེར་བྱེས་དབྱར་དུས་སློབ་གྲྭ་མཇུག་སྒྲིལ་བ།
ཕྱི་ལོ་༢༠༢༦ ཟླ་ ༧ ཚེས་ ༡༦ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གིས་མཐུན་རྐྱེན་སྦྱར་བའི་ཕྱི་རྒྱལ་བོད་རིགས་སློབ་མ་གཞོན་སྐྱེས་ལ་དམིགས་པའི་དབྱར་དུས་སློབ་གྲྭ་སྐབས་ལྔ་པའི་མཇུག་བསྡོམས་མཛད་སྒོ་དེ་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་དངོས་སུ་དབུ་འཛུགས་བསྐྱངས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་དང་། ཕྱག་མཛོད་ཆེན་མོ་ལགས་དང་། ཤེས་ཡོན་འགན་འཛིན་ལགས། དམིགས་བསལ་སྐུ་མགྲོན་སྦེལ་ཀོབ་ལུགས་བསམ་གཞིས་འགོ་དགེ་ལེགས་འབྱུང་གནས་ལགས་དང་། […]
རྒྱས་པར་གཟིགས་རོགས།སེར་བྱེས་དྲ་ཐོག་སློབ་གྲྭའི་འཛིན་རིམ་བརྒྱད་པ་མཐར་སོན་སློབ་མ།
ཕྱི་ལོ་༢༠༢༦ ཟླ་ ༧ ཚེས་ ༡༦ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གིས་མཐུན་རྐྱེན་སྦྱར་བའི་ཕྱི་རྒྱལ་བོད་རིགས་སློབ་མ་གཞོན་སྐྱེས་ལ་དམིགས་པའི་དབྱར་དུས་སློབ་གྲྭ་སྐབས་ལྔ་པའི་མཇུག་བསྡོམས་མཛད་སྒོ་དེ་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་ནང་བསྐྱངས་པ་དང་སྟབས་བསྟུན། སེར་བྱེས་རྒྱལ་སྤྱི་དྲྭ་ཐོག་སློབ་གྲྭ་ནས་སྐབས་གཉིས་པའི་འཛིན་གྲྭ་བརྒྱད་པ་མཐར་ཕྱིན་གྱི་སློབ་མ་གྲངས་དྲུག་ཅུ་ལྷག་བསླབས་པ་མཐར་སོན་བྱུང་ཡོད་པའི་ཁོངས་ནས། སློབ་མ་གསུམ་འདི་ག་དབྱར་དུས་སློབ་གྲྭ་ལ་བཅར་བ་རྣམས་ལ་སེར་བྱེས་ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་ལགས་ཀྱིས་དངོས་སུ་ཕྱག་ཁྱེར་ཕུལ་ཡོད།མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་དང་། ཕྱག་མཛོད་ཆེན་མོ་ལགས་དང་། ཤེས་ཡོན་འགན་འཛིན་ལགས། […]
རྒྱས་པར་གཟིགས་རོགས།༢༠༢༦ སེར་བྱེས་དབྱར་དུས་སློབ་གྲྭ་དབུ་བཙུགས།
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས་ཉིན། ཕྱི་རྒྱལ་ཁག་ལ་བཞུགས་པའི་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་སྐད་དང་ཡི་གེ་དང་ནང་ཆོས་དང་སྒོམ་དང་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་སྒྲ་བརྙན་དང་གླིང་བུ་གཏོང་སྟངས་སོགས་སློབ་ཁྲིད་ཆེད་དུ་དམིགས་ནས་སེར་བྱེས་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་དབྱར་དུས་སློབ་གྲྭ་སྐབས་ལྔ་པ་དེ་སེར་བྱེས་བཀྲ་ཤིས་ཆོས་གླིང་དུ་དབུ་འཛུགས་མཛད་སྒོ་བསྐྱངས་སོང་། སྐབས་དེར་སེར་བྱེས་ཕྱག་མཛོད་དགེ་བཤེས་ངག་དབང་སྙིང་རྗེ་ལགས་དང་། དེང་དུས་ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་ལགས། དགེ་སློབ་ཕ་མ་བཅས་ཚང་འཛོམས་ཐོག […]
རྒྱས་པར་གཟིགས་རོགས།ས་ག་ཟླ་བའི་ནང་ཆོས་ངོ་སྤྲོད།
ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན། (༢༠༢༦ ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ནས་ཟླ་བ་ ༦ ཚེས་ ༡༥ བར།) […]
རྒྱས་པར་གཟིགས་རོགས།སེར་བྱེེས་ཚན་རིག་སློབ་མ་རྣམས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཟབ་སྦྱོང་ནང་མཉམ་ཞུགས་བྱས།
ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཆ་ཤས་དབྱར་དུས་ཚན་རིག་ཟབ་སྦྱོང་དེ་འབྲས་བློ་གླིང་ཚན་རིག་ཁང་དུ་ཕྱི་ཟླ་ ༦ ཚེས་ ༣ ནས་དབུ་བཙུགས་ཏེ་ཟླ་བ་གཅིག་རིང་འཚོག་བཞིན་ཡོད་པ་དང། སྐབས་དེར་གྲྭ་ཚང་ཁག་མི་འདྲ་བ་ནས་སློབ་མ་གྲངས་ ༦༥ མཉམ་ཞུགས་གནང་བའི་ཁྲོད་ལ་སེར་བྱེས་གྲྭ་ཚང་ནས་དགེ་སློབ་གྲངས་བཅུ་གཅིག་ཡོད། ཐོག་མར་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་དེ་ནས་ཕྱག་མཛོད་ཆེན་མོས་བཀའ་སློབ་གནང་སོང་།
རྒྱས་པར་གཟིགས་རོགས།