ཕྱི་ལོ་ ༢༠༢༦ ཟླ་བ་ ༠༥ ཚེས་ ༠༥ ནས་ཚེས་ ༡༥ བར་་མཻ་སོར་མཐོ་སློབ་དང་ཟུང་འབྲེལ་བྱས་པའི་སེར་བྱེས་མཐོ་སློབ་ཁོངས་ཀྱི་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་སྡེ་ཚན་གསུམ་སྟེ། ༡༽ གནའ་བོའི་ལྟ་གྲུབ་དང་། ༢༽ གནའ་བོའི་སེམས་ཁམས་དང་། ༣༽ གནའ་བོའི་བོད་ཀྱི་སྐད་ཡིག་བཅས་ཀྱི་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་འཛིན་གྲྭ་ཁག་དགུའི་སློབ་གཉེར་བ་རྣམ་པའི་རྒྱུགས་དུས་མཐའ་མའི་རྒྱུགས་སྤྲོད་དངོས་གཞི་དེ་མཻ་སོར་མཐོ་སློབ་ནས་ཐད་ཀར་བརྙན་མིག་བལྟ་སྲུང་འོག་འདི་ག་སེར་བྱེས་གྲྭ་ཚང་དུ་རྒྱུགས་སྤྲོད་གཏོང་བཞིན་པའི་སྐབས་སུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་ལྷ་རམས་པ་དགེ་བཤེས་ཚེ་རིང་དོན་གྲུབ་མཆོག་ལྷག་དཀར་ཉིན་གཟིགས་སྐོར་ཕེབས་ཡོད།
