སྦེང་ལོར་མཐོ་སློབ་ (IIM) དགེ་སློབ་ཁག་ཅིག་མཚམས་གཟིགས་ལ་ཕེབས།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༨ དང་ ༩ རེས་གཟའ་སྤེན་པ་དང་ཉི་མ་བཅས་ཉིན་གཉིས་ཀྱི་རིང་། ཚོང་ལས་རིག་གནས་ཐོག་ཆེས་སྙན་གྲགས་ཆེ་བའི་སྦེང་ལོར་མཐོ་སློབ་ Indian Institute of Management (IIM) ཀྱི་གཙོ་འཛིན་ཌི་ནེཤ་ཀུ་མར་མཆོག་དང་སློབ་མ་ཁག་ཅིག་འདི་ག་སེར་བྱེས་གྲྭ་ཚང་ལ་ཕེབས་ནས་༸སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་ལ་མཇལ་ཁ་དང་བཀའ་སློབ་ཞུས་ཤིང་། ཆོས་རྭའི་རྩོད་པ་དང་། དགེ་འདུན་པ་རྣམས་ཚོགས་འཚོགས་པ་དང་ཞལ་འདོན་གསུང་པ་བཅས་གཟིགས་སྐོར་ལ་ཕེབས། ཤེས་ཡོན་སྡེ་ཚན་གྱིས་གོ་སྒྲིག་འོག་ཚན་རིག་སྦྱོང་བརྡར་ཁང་གི་འཛིན་ཁང་ནང་ཁོང་རྣམས་ལ་སེར་བྱེས་གྲྭ་ཚང་གི་ལོ་རྒྱུས་དང་རྒྱུན་གཏན་བསླབ་པ་སློབ་གཉེར་གནང་ཕྱོགས་དང་བསླབ་གཞི་ཁག་བཅས་ངོ་སྤྲོད་དང་དོགས་འདྲི་གསལ་བཤད་གནང་ཡོད།
༸སྐྱབས་རྗེ་མཁན་རིན་པོ་ཆེ་མཇལ་བཅར་སྐབས་མཐོ་སློབ་ཀྱི་གཙོ་འཛིན་ལགས་ཀྱིས་འབོད་སྐུལ་ཞུས་དོན། འདི་གར་དགེ་འདུན་པ་རྣམས་ལོ་མང་རིང་ནང་སེམས་ཀྱི་སྒོམ་ཉམས་ལེན་རྒྱུན་དུ་གཤའ་མར་གནང་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས་མཐོ་སློབ་དེར་བློ་སྦྱོང་དང་ཉོན་མོངས་ལ་གཉེན་པོ་བསྟེན་ཚུལ་གྱི་སྐོར་ལ་གསུང་བཤད་དང་བཀའ་སློབ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་སོང་།

Leave a Reply

Your email address will not be published. Required fields are marked *