སེར་བྱེས་ཨིག་ནོ་དང་ནིའུསི་ཡན་ལག་ངོ་སྤྲོད།

༄༅། །སེར་བྱེས་ཨིག་ནོའུ་དམིགས་བསལ་ཤེས་ཡོན་ལྟེ་གནས་ཁང་། Indira Gandhi National Open University (IGNOU) इंदिरा गांधी राष्ट्रीय मुक्त विश्वविद्यालय (इग्नू) SERA JEY-IGNOU SPECIAL STUDY CENTRE-13156D ༈ སེར་བྱེས་ཨིག་ནོའུ་དམིགས་བསལ་ཤེས་ཡོན་ལྟེ་གནས་ཁང་ནི། ཕྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༢༠ ཉིན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་ཐོགསྲིད་ཟུར་འབུམ་རམས་པ་བློ་བཟང་སེང་གེ་མཆོག་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་མཆོག དེ་བཞིན་དབུས་གཞུང་ཨིག་ནོའུ་ཉེ་བའི་རིགས་བདག་ཨྶེ་བྷི་ཨ་རོ་ར་མཆོག་དང་། དབུས་གཞུང་ཨིག་ནོའུ་འཛིན་སྐྱོང་འགན་འཛིན་ཌོག་ཊར་ཇི་ཏེན་ཌར་མཆོག་དང་། དབུས་གཞུང་ཨིག་ནོའུ་མངའ་ཁུལ་ཡོངས་ཀྱི་འགན་འཛིན་ཌོག་ཊར་ཝེནཱུ་གྷོ་པཱལ་རེ་ཌྜི་མཆོག་དང་། བྷེང་ལོར་མངའ་ཁུལ་ཨིག་ནོའུ་འགན་འཛིན་སྐུ་ཞབས་ཨིམ་རཱ་པུར་མཆོག་དང་། གཞན་ཡང་གདན་ཞུས་འཕགས་བོད་སྐུ་མགྲོན་རྣམ་པ་ལྷན་རྒྱས་ནས་དབུ་འབྱེད་བཀའ་དྲིན་བསྐྱངས། མཐོ་སློབ་འདི་ནི་སྤྱི་ཚོགས་དང་། ཡང་སྒོས་ཤེས་ཡོན་ཞབས་ཞུ་ཁོ་ནའི་ཆེད་དུ་བཙུགས་པ་དང་། ལྷག་པར་རིས་མེད་དགོན་སྡེ་ཁག་གི་སློབ་མ་གྲྭ་བཙུན་རྣམས་ལ་ཤིན་ཏུ་ཕན་ཐོགས་ཡོད་པ་དང་། དེ་བཞིན་མི་སྐྱ་ཕོ་མོ་དབྱེར་མེད་ས་གནས་རྒྱ་གར་བའི་སློབ་མ་རྣམས་ལ་ཤིན་ཏུ་ཕན་ཐོགས་ཡོད། ༼༡༽ ལོ་གཅིག་གི་ནང་གཙུག་ལག་དང་སློབ་དཔོན་གྱི་སློབ་ཕྲུག་གསར་ཞུགས་ཀྱི་དུས་ཐེངས་གཉིས་ཡོད་པ་དང་། ༡༽ དུས་ཚོད་དམ་སྡེ་ཚན་དང་པོ་ནི་ཕྱི་ཟླ་དང་པོའི་ནང་ཡིན་པ་དང་། ༢༽ དུས་ཚོད་དམ་སྡེ་ཚན་གཉིས་པ་ནི་ཕྱི་ཟླ་བདུན་པའི་ནང་ཡིན་པ་དང་། ༼༢༽ སློབ་ཕྲུག་གསར་ཞུགས་རྣམས་ལ་སློབ་ཚན་གསར་འཛུགས་ཀྱི་བྱེད་སྒོའི་རིམ་པ (Induction Programme) ངོ་སྤྲོད་བྱེད་དགོས་པ་དང་། ༼༣༽ ཕྱི་ཟླ་ ༩ པ་དང ༡༠ པའི་ནང་སྡེ་ཚན་དང་པོའི་རྒྱུགས་སྤྲོད་ཀྱི་ཐོ་འགོད་བྱེད་དགོས་པ་དང་། ༼༤༽ ཕྱི་ཟླ་ ༣ པ་དང ༤ པའི་ནང་སྡེ་ཚན་གཉིས་པའི་རྒྱུགས་སྤྲོད་ཀྱི་ཐོ་འགོད་བྱེད་དགོས་པ་དང་། ༼༥༽ ཕྱི་ཟླ་ ༡༢ དང ༥ ནང་ལོ་སྔོན་གྱི་སྡེ་ཚན་དང་པོའི་གཙུག་ལག་དང་སློབ་དཔོན་གྱི་སློབ་མ་རྣམས་ལམ་རིམ་གཉིས་པའི་བསྐྱར་དུ་ཐོ་འགོད་བྱེད་དགོས་པ་དང་། ༼༦༽ ཕྱི་ཟླ ༩ པའི་ནང་སྡེ་ཚན་དང་པོའི་ནང་ལས་འབྲི་དགོས་པ་དང་། ༼༧༽ ཕྱི་ཟླ ༣ པའི་ནང་སྡེ་ཚན་གཉིས་པའི་ནང་ལས་འབྲི་དགོས་པ་དང་། ༼༨༽ ཕྱི་ཟླ ༦ དང ༡༢ ནང་སྡེ་ཚན་གཉིས་ཀྱི་རྒྱུགས་སྤྲོད་གཏོང་དགོས་པ་དང་། གཙུག་ལག་སློབ་གཉེར་ཁང་འདི་བཙུགས་ནས་ད་བར་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། གཙུག་ལག་རབ་འབྱམས་པ་ཐོན་ཟིན་པ་དང་ཐོན་བཞིན་པའི་སློ་མ་རྣམས་ཀྱི་ལོ་དུས་དང་སློབ་མའི་གྲངས་ཐོ་གཤམ་གསལ། IGNOU ACADEMIC COURSE COMPLETION OVERVIEW: ལོ་དུས། ཉེ་བའི་གཙུག་ལག་རབ་འབྱམས་པ། གཙུག་ལག་རབ་འབྱམས་པ། Year BA MA 2021 16 10 2022 19 8 2023 15 11 2024 20 18 2025 06 06

༄༅། །སེར་བྱེས་ནིའྶོ་འཛིན་གྲྭ་བཅུ་པའི་ཤེས་ཡོན་ལྟེ་གནས་ཁང་། National Institute of Open Schooling (NIOS) དབུས་འབྲིང་རིམ་སློབ་གཉེར་ལྟེ་གནས་ཨང་རྟགས། M08059 SERA JEY-NIOS STUDY CENTRE-M08059 ༄༅། །སེར་བྱེས་ནིའྶོ་འཛིན་རིམ་བཅུ་པའི་ཤེས་ཡོན་ལྟེ་གནས་ཁང་ནི་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༥ ཚེས་ ༢༠ ཉིན། སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་མཆོག་གིས་ཐུགས་སྨོནདང་བཅས། ཐོག་མའི་དབུ་འབྱེད་བཀྲིན་བསྐྱངས་པའི་མཛད་སྒོའི་ཐོག །སྦེང་ལོར་ནིའྶོ་མངའ་ཁུལ་སྤྱི་ཁྱབ་སྐུ་ཞབས་ཝཱི་ས་ཐཱིཤ་མཆོག་དང་། སྦེང་ལོར་ཨིག་ནོ་མངའ་ཁུལ་སྤྱི་ཁྱབ་ཌོག་ཊར་རཱ་ངྷཱ་རྣམ་གཉིས་དང་། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་སྐུ་ངོ་ᨵᫍᨑས་འགོ་རྣམ་གཉིས་ཀྱིས་གཙོས། གཞན་ཡང་གདན་ཞུས་སྐུ་མགྲོན་གང་མང་མཛད་སྒོར་མཉམ་ཞུགས་གནང་ཡོད།

༄༅། །སེར་བྱེས་ནིའྶོ་འཛིན་གྲྭ་བཅུ་པའི་ཤེས་ཡོན་ལྟེ་གནས་ཁང་། National Institute of Open Schooling (NIOS) དབུས་འབྲིང་རིམ་སློབ་གཉེར་ལྟེ་གནས་ཨང་རྟགས། M༠༨༠༥༩ SERA JEY-NIOS STUDY CENTRE-M08059 ༄༅། །སེར་བྱེས་ནིའྶོ་འཛིན་རིམ་བཅུ་པའི་ཤེས་ཡོན་ལྟེ་གནས་ཁང་ནི་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༥ ཚེས་ ༢༠ ཉིན། སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་མཆོག་གིས་ཐུགས་སྨོནདང་བཅས། ཐོག་མའི་དབུ་འབྱེད་བཀྲིན་བསྐྱངས་པའི་མཛད་སྒོའི་ཐོགསྦེང་ལོར་ནིའྶོ་མངའ་ཁུལ་སྤྱི་ཁྱབ་སྐུ་ཞབས་ཝཱི་ས་ཐཱིཤ་མཆོག་དང་། སྦེང་ལོར་ཨིག་ནོ་མངའ་ཁུལ་སྤྱི་ཁྱབ་ཌོག་ཊར་རཱ་ངྷཱ་རྣམ་གཉིས་དང་། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་སྐུ་ངོ་གཞིས་འགོ་རྣམ་གཉིས་ཀྱིས་གཙོས། གཞན་ཡང་གདན་ཞུས་སྐུ་མགྲོན་གང་མང་མཛད་སྒོར་མཉམ་ཞུགས་གནང་ཡོད།

༄༅། །སེར་བྱེས་ནིའྶོ་འཛིན་གྲྭ་བཅུ་གཉིས་ཀྱི་ཤེས་ཡོན་ལྟེ་གནས་ཁང་། National Institute of Open Schooling (NIOS) དབུས་འབྲིང་རིམ་གོང་མའི་སློབ་གཉེར་ལྟེ་གནས་ཨང་རྟགས། ༠༨༠༣༥༨ SENIOR SECONDARY STUDY CENTRE CODE-080358 ༄༅། །སེར་བྱེས་ནིའྶོ་འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཡོན་ལྟེ་གནས་ཁང་ནི་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༡༧ ཉིན། རི་བོ་དགེ་ལྡན་པའི་༸སྐྱབས་རྗེ་མཚུངས་མེད་ཤར་པ་ཆོས་རྗེ་རྒྱུད་སྟོད་མཁན་ཟུར་དགེ་བཤེས་ངག་དབང་འབྱོར་ལྡན་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་ལྷ་རམས་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་བཅས་སྐྱབས་རྗེ་རྣམ་པས་ཐུགས་སྨོན་དང་བཅས་ཐོག་མའི་དབུ་འབྱེད་བཀྲིན་བསྐྱངས། མཛད་སྒོའི་ཐོག་ཀར་ཎ་ཊ་ཀ་མངའ་སྡེའི་ཤེས་རིག་བློན་ཆེན་མཆོག་དང་། མེ་སོར་གཙུག་ལག་སློབ་གྲྭ་ཆེན་མོའི་ཉེ་བའི་རིགས་བདག་མཆོག་དང་། དཔལ་ལྡན་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམས་དང་། སྦེལ་ཀོབ་ལུགས་བདེ་གཞིས་ཆགས་ཀྱི་སྐུ་ངོ་གཞིས་འགོ་རྣམ་གཉིས་ཀྱིས་གཙོས། གཞན་ཡང་གདན་ཞུས་སྐུ་མགྲོན་གང་མང་མཛད་སྒོར་མཉམ་ཞུགས་གནང་ཡོད། ༼༡༽ ལོ་གཅིག་གི་ནང་ནི་འྶོ་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་གསར་ཞུགས་ཀྱི་དུས་ཐེངས་གཉིས་ཡོད་པ་དང་། ༡༽ སྡེ་ཚན་དང་པོ་ནི་ཕྱི་ཟླ་བཞི་པ་དང་ལྔ་པའི་ནང་ཡིན་པ་དང་། ༢༽ སྡེ་ཚན་གཉིས་པ་ནི་ཕྱི་ཟླ་བཅུ་པ་དང་བཅུ་གཅིག་པའི་ནང་ཡིན་པ་དང་། ༼༣༽ ཕྱི་ཟླ ༣ པའི་ནང་སྡེ་ཚན་དང་པོའི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་གསར་ཞུགས་རྣམས་ཐོ་འགོད་དགོས་པ་དང་། ༼༤༽ ཕྱི་ཟླ ༩ པའི་ནང་སྡེ་ཚན་གཉིས་པའི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་གསར་ཞུགས་རྣམས་ཐོ་འགོད་དགོས་པ་དང་། ༼༥༽ ཕྱི་ཟླ ༡ པོ་དང ༧ པའི་ནང་ལོ་སྔོན་མའི་སྡེ་ཚན་གཉིས་ཀྱི་སློབ་ཕྲུག་རྣམས་ཀྱི་སློབ་ཚན་རེ་ལ་ནང་ལས་རེ་འབྲི་ཟིན་དགོས་པ་དང་། ༼༦༽ ཕྱི་ཟླ ༡ པོ་དང ༧ པའི་ནང་ལོ་སྔོན་མའི་སྡེ་ཚན་གཉིས་པའི་སློབ་ཕྲུག་རྣམས་ཀྱི་རྒྱུགས་སྤྲོད་ཀྱི་ཐོ་འགོད་ཟིན་དགོས་པ་དང་། ༼༧༽ ཕྱི་ཟླ ༢ པ་དང ༨ པའི་ནང་སློབ་ཕྲུག་གསར་ཞུགས་དོ་བདག་སོ་སོ་ལས་རིམ་གྱི་ངོ་སྤྲོད་ (PCP Class) འཛིན་གྲྭར་བཅར་དགོས་པ་དང་། ༼༨༽ ཕྱི་ཟླ ༣ པ་དང་ ༩ པའི་ནང་ལོ་སྔོན་མའི་སློབ་ཕྲུག་རྣམས་ཀྱི་ནང་ལས་ཀྱི་ (Practical Exam) རྒྱུགས་སྤྲོད་དགོས་པ་དང་། ༼༩༽ ཕྱི་ཟླ ༤ པ་དང ༡༠ པའི་ནང་དུ་ལོ་སྔོན་མའི་སློབ་ཕྲུག་རྣམས་ཀྱི་ (Theory Exam) བྲིས་རྒྱུགས་སྤྲོད་དགོས་པ་དང་། དབུས་འབྲིང་རིམ་དང་འབྲིང་རིམ་གོང་མའི་སློབ་གཉེར་ལྟེ་གནས་ཁང་འདི་གཉིས་ནི་སྤྱི་ཚོགས་ཞབས་ཞུ་དང་། ཡང་སྒོས་ཤེས་ཡོན་ཞབས་ཞུ་ཁོ་ནའི་ཆེད་དུ་བཙུགས་པ་དང་། ལྷག་པར་དགོན་སྡེ་ཁག་གི་སློབ་མ་གྲྭ་བཙུན་ཚད་ལྡན་སློབ་གྲྭར་ཉིན་ལྟར་འགྲོ་མ་ཐུབ་པ་རྣམས་ལ་ཤིན་ཏུ་ཕན་ཐོགས་ཡོད་པ་དང་། དེ་བཞིན་མི་སྐྱ་ཕོ་མོ་དབྱེར་མེད་ས་གནས་རྒྱ་གར་བའི་སློབ་མ་རྣམས་ལ་ཡང་ཤིན་ཏུ་ ཕན་ཐོགས་ཡོད། NIOS CLASSES ནིའྶོ་འཛིན་གྲྭ ལོ་དུས། དབུས་འབྲིང་རིམ་སློབ་གྲྭ་བསླབ་མཐར་སོན་པ། དབུས་འབྲིང་རིམ་གོང་མའི་སློབ་གྲྭ་བསླབ་མཐར་སོན་པ། YEAR SECONDARY SCHOOL SENIOR SECONDARY SCHOOL 2020 02 06 2021 10 26 2022 45 30 2023 43 40 2024 69 52 2025 57 18

Leave a Reply

Your email address will not be published. Required fields are marked *