ཨ་རི་མཐོ་སློབ་ Simpson དགེ་སློབ་སེར་བྱེས་ལ་འབྱོར།

ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༦ ནས་ ༡༢ བར་ཉིན་གྲངས་བདུན་རིང་ཨ་རི་མཐོ་སློབ་ Simpson College, Iowa USA ནས་དགེ་སློབ་གྲངས་ ༡༤ ཤེས་ཡོན་གོ་རྟོགས་རྒྱ་བསྐྱེད་དང་ཉམས་གསོག་ཆེད། འདི་གར་སེར་བྱེས་བཀྲ་ཤིས་ཆོས་གླིང་ལ་བཞུགས་རིང་དེང་དུས་ཤེས་ཡོན་སྡེ་ཚན་ནས་ནང་ཆོས་དང་སྒོམ་དང་བོད་ཀྱི་སྐད་ཡིག་སོགས་ཀྱི་ངོ་སྤྲོད་ཆེད་འཛིན་གྲྭ་གོ་སྒྲིག་ཞུས་པ་མ་ཟད། སེར་བྱེས་ཆོས་ར་དང་ཚན་རིག་ཁང་སློབ་གྲྭ་དཔེ་མཛོད་ཉེ་འཁོར་དགོན་པ་དང་ཀ་རུ་ན་སོགས་ལ་བསྐྱོད་ནས་བོད་པའི་གཞིས་སྒར་གྱི་གནས་སྟངས་དང་དགོན་པའི་སློབ་གཉེར་བརྒྱུད་རིམ་སོགས་གོ་རྟོགས་ཐུབ་པ་བྱུང་ཡོད། སྤྱིར་ ༢༠༢༤ ལོར་ཨ་རི་མཐོ་སློབ་དེ་ནས་དགེ་སློབ་སྐོར་གཅིག་ཤེས་ཡོན་སྐོར་བསྐྱོད་ཆེད་ཕེབས་མྱོང་ཡོད།

Leave a Reply

Your email address will not be published. Required fields are marked *