བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་འདུ།

བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་འདུ།
ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་གིས་དབུས་དབུ་ཆོས་རྣམ་གཉིས་དང་ཚོགས་པ་ཁག་གི་འགན་འཛིན་དང་གྲོས་ཚོགས་འཐུས་མི་རྒྱས་འཛོམས་སར་གྲོས་བསྡུར་ཐག་གཅོད་བྱུང་བ་ལྟར། སྤྱིར་སེར་བྱེས་ཡན་ལག་ཆོས་ཚོགས་ཁག་དང་བཀྲ་ཤིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་གི་ནང་ལོ་མང་སྔོན་ནས་ཕྱི་རྒྱལ་དང་རྒྱ་གར་དང་བོད་རིགས་སོགས་མི་རིགས་འདྲ་མིན་ལ་“ནང་དོན་རིག་པ་”སློབ་ཁྲིད་དང་ཟབ་སྦྱོང་བཅས་གོ་སྒྲིག་གནང་མུས་སུ་ཡོད་ཀྱང་། སློབ་དེབ་ཞིག་གཏན་འབེབས་ཞུ་ཐུབ་ན་སློབ་ཁྲིད་ཀྱང་ཚད་ལྡན་ཞིག་ཡོང་བ་དང་། གཞུང་ཡོངས་རྫོགས་སློབ་ཁྲིད་བྱ་ཐུབ་པ་དང། དགེ་སློབ་གཉིས་ཀར་དཀའ་ཚེགས་ཆུང་བ་སོགས་དགེ་མཚན་དུ་མར་དམིགས་ནས་ཤེས་ཡོན་སྡེ་ཚན་གྱི་ལས་གཞི་ཁྱབ་ཁོངས་ལ་ཚོགས་མི་བདུན་ལས་གྲུབ་པའི་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་བསྐོ་བཞག་བྱུང་ཡོད།
དེ་རྗེས་ཚོགས་མི་རྣམས་དངོས་སུ་གདོང་གཏུགས་དང་དྲྭ་ཐོག་བཅས་ཀྱི་ནང་ལྷན་དུ་འཛོམས་ནས་སློབ་དེབ་རྩོམ་སྒྲིག་བྱ་ཚུལ་སྐོར་ལ་བགྲོ་གླེང་ལན་མང་བྱས་པ་བརྒྱུད། ཐོག་མར་སྒྲོམ་གཞི་གཏན་འབེབས་དང་། དེ་ནས་དེབ་གྲངས་ཇི་ཙམ་སྒྲིག་དགོས་པ་དང་། བརྗོད་གཞི་སློབ་ཚན་གང་དག་འཇུག་དགོས་པ་སོགས་བགྲོ་གླེང་ལྷུག་པོ་གནང་མཐར་དེབ་ཕྲེང་དྲུག་བསྒྲིག་རྒྱུ་ཐག་གཅོད་བྱུང་།
 
རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི།
༡) ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་།
༢) དགེ་བཤེས་འཇམ་དཔལ་མཁྱེན་བརྩེ།
༣) དགེ་བཤེས་རིན་ཆེན་རྣམ་རྒྱལ།
༤) དགེ་བཤེས་ཐབས་མཁས་བློ་གྲོས།
༥) དགེ་བཤེས་བསོད་ནམས་དབང་ལྡན།
༦) རྒན་ཐུབ་བསྟན་སྐལ་ལྡན།
༧) རྒན་བསྟན་འཛིན་རྡོ་རྗེ།

Leave a Reply

Your email address will not be published. Required fields are marked *