ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༨ ནས་ཟླ་ ༢ ཚེས་ ༡ བར་ཉིན་གྲངས་ལྔའི་རིང་ལ་དྭགས་ནས་སློབ་ཕྲུག་དང་དགེ་ལས་གྲངས་ ༥༨ འདི་ག་སེར་བྱེས་བཀྲ་ཤིས་ཆོས་གླིང་ལ་བཞུགས་རིང་། སེར་བྱེས་སྐད་སྒྱུར་སྡེ་ཚན་གྱིས་གོ་སྒྲིག་འོག་ཉེ་འཁོར་དགོན་པ་ཁག་ལ་ཉེ་འཁོར་རྣམ་གྲོལ་གླིང་དང་བཀྲིས་ལྷུན་པོ་བཅས་ལ་མཆོད་མཇལ་ཁྲིད་པ་དང་། མ་ཟད་ཉིན་གཉིས་རིང་ནང་དོན་རིག་པ་དང་༸གོང་ས་མཆོག་གི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཕྱག་དེབ་གཞིར་བཟུང་འཛིན་གྲྭ་གོ་སྒྲིག་དང་། སྔ་དྲོ་ལ་དམ་བཅའ་དང་རྩོད་པ་བཅས་ཚུགས་སོང་། སྐབས་དེར་དགེ་བཤེས་བསྟན་འཛིན་འཕྲིན་ལས་ལགས་དང་། རྒན་སྐལ་ལྡན་ལགས་ཀྱིས་ཉིན་གཉིས་རིང་སློབ་ཁྲིད་གནང་སོང་།
