༧གོང་ས་མཆོག་དང་མཇལ་བཅར། ༢༠༢༦་༢་༣

༧གོང་ས་མཆོག་དང་མཇལ་ཁ།

ཕྱི་ལོ་༢༠༢༦ ཟླ་བ་༢ ཚེས་༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་དཔལ་ལྡན་སྒོ་མང་གྲྭ་ཚང་དུ། མེ་སོར་ ༼University of Mysore ༽ མཐོ་སློབ་ཀྱིས་ངོས་བཞེས་ཡོད་པའི་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་སྐབས་དང་པོའི་བསླབ་པ་མཐར་སོན་པའི་སློབ་གཉེར་བ་གྲངས་ ༣༧ དང་། འབྲེལ་ཡོད་ལས་བྱེད་དང་དགེ་རྒན་གྲངས། ༡༤ དེ་བཞིན་ཨིག་ནོའུ་དང་ནེའུ་སི་འབྲེལ་ཡོད་ལས་བྱེད། གྲྭ་ཚང་གི་༸སྐྱབས་རྗེ་མཁན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག། ཕྱག་མཛོད་ཆེན་མོ་དགེ་བཤེས་བློ་བཟང་ནོར་བུ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ་དང་། སྐབས་དེར་དེང་དུས་ཤེས་ཡོན་ཚན་པའི་ཁྱབ་ཁོངས་གོང་གསལ་ཉེ་བའི་གཙུག་ལག་རབ་འབྱམས་དང་། ཨིག་ནོའུ། ནིའུ་སི་བཅས་སྡེ་ཚན་ཁག་གི་ལས་བསྡོམས་སྙན་སྒྲོན་ཞུས་པ་བཞིན་གང་ཉིད་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སོང་།

Leave a Reply

Your email address will not be published. Required fields are marked *