རྒྱ་གར་གྱི་མངའ་སྡེ་ཆེ་ནཱེའི་ནང་རྟེན་གཞི་བྱས་པའི་སློབ་གྲྭ་ཧི་ར་ནན་ད་ནི་ (Hiranandani Upscale School) ཡི་ཚན་པ་འདྲ་མིན་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་སུམ་ཅུ་ཙམ་དང་། དེ་བཞིན་དགེ་རྒན་བཞི་བཅས་འདི་ག་གྲྭ་ཚང་དུ་ཤེས་ཡོན་སྐོར་སྐྱོད་ཕེབས་སྐབས། རྒན་ཐུབ་བསྟན་སྐལ་ལྡན་ལགས་ནས་གྲྭ་ཚང་གི་སློབ་གཉེར་གནང་ཕྱོགས་སོགས་ངོ་སྤྲོད་མདོར་བསྡུས་དང་། དེ་བཞིན་སེམས་ཁམས་རིག་པའི་སྐོར་ནས་སློབ་ཕྲུག་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གནང་ཡོད།
