ཚན་རིག་འཛིན་གྲྭའི་བསླབ་པ་མཐར་ཕྱིན་པའི་མཛད་སྒོ།

ཕྱི་ལོ་༢༠༢༥ ཟླ་༦ ཚེས་༤ ཉིན། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་རྒྱུན་འཁྱོངས་རིམ་པའི་བསླབ་པ་མཐར་ཕྱིན་མཛད་སྒོ་དེ་བཞིན་འབྲས་བློ་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་ཟབ་རྒྱས་ངང་ཚོགས་ཡོད། སྐབས་དེར་ཚོགས་བཅར་མ་ཐུབ་པའི་རང་ཁོངས་དགེ་འདུན་པ་རྣམས་ལ། ཕྱི་ལོ་༢༠༢༥ ཟླ་༦ ཚེས་༡༢ ཉིན། སེར་བྱེས་ཚན་རིག་ཚོགས་ཁང་དུ་ཨེ་མོ་རི་དང་བོད་ཀྱི་ལས་རིམ་གྱི་ལག་བསྟར་རིམ་པའི་ཚན་རིག་བསླབ་པ་མཐར་སོན་གྱི་མཛད་སྒོ་སྟབས་བདེ་ཞིག་ཞུས་པར། ཁྲིམས་བདག་དགེ་བསྐོས་དགེ་བཤེས་ཡེ་ཤེས་ཕུན་ཚོགས་མཆོག་དང་། ཕྱག་མཛོད་དགེ་བཤེས་ངག་དབང་སྙིང་རྗེ། དེང་དུས་ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་བཅས་ནས་ཚན་རིག་སློབ་ཐོན་པ་རྣམ་པར་ཨེ་མོ་རིའི་ཕྱག་ཁྱེར་གསོལ་སྩལ་གནང་། གཙོ་བོ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། མགོན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་སྐུའི་གོ་སྟོན། བྱམས་བརྩེའི་ལོ་སྲུང་བརྩི་དང་། ལོ་མང་རིང་ཚན་རིག་ཐོག་ཕྱག་ལས་གནང་མཁན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་དགེ་ལས་རྣམ་པ་དང་དེ་བཞིན་དགོན་སྡེ་ཁག་གི་དགེ་ལས་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ཚན་རིག་སློབ་ཐོན་རྣམ་པར་འཚམས་འདྲི་བཅས།

Leave a Reply

Your email address will not be published. Required fields are marked *