Day: July 2, 2025

ཏུམ་ཀུར་མཐོ་སློབ་ནང་སློབ་ཁྲིད་ཞུས།

༄༅། །རྒྱ་གར་ལྷོ་ཕྱོགས་ཏུམ་ཀུར་མཐོ་སློབ་སེམས་ཁམས་སྡེ་ཚན་ནས་སེར་བྱེས་གྲྭ་ཚང་ལ་”ནང་པའི་གཞུང་ནས་བྱམས་སྙིང་རྗེ་སོགས་བཟང་པོའི་སེམས་གོང་མཐོར་འདེགས་པའི་ཐབས་ལམ་ཇི་ལྟར་གསུངས་པའི་སྐོར་”ལ་གཏམ་བཤད་གདན་ཞུའི་འཕྲིན་ཡིག་འབྱོར་བ་ལྟར། ཕྱི་ལོ་༢༠༢༥ ཟླ་བ་༠༧ ཚེས་༢ རེས་གཟའ་ལྷག་པ་ཉིན། སེར་བྱེས་དབྱིན་སྐད་ལོ་ཙྭ་བའི་འཛིན་གྲྭའི་དགེ་རྒན་ཐུབ་བསྟན་སྐལ་ལྡན་ལགས་ཀྱིས་མཐོ་སློབ་དེའི་གཙུག་ལག་རབ་འབྱམས་སེམས་ཁམས་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་རྣམས་ལ། བློ་རིག་སྤྱི་དང་བྱེ་བྲག་ཏུ་སེམས་སེམས་བྱུང་གི་རྣམ་གཞག་དང་། ཉོན་མོངས་དང་དེའི་དབང་གིས་བྱུང་བའི་སྡུག་བསྔལ་ངོས་འཛིན་དང་གཉེན་པོ་ཇི་ལྟར་བསྟེན་ཚུལ་དང་། དབུགས་འབྱུང་རྔུབ་ཀྱིས་མཚོན་པའི་དྲན་པ་ཉེར་གཞག་སྒོམ་ཚུལ་སྦྱོང་བརྡར་གྱི་ལམ་ནས་གཏམ་བཤད་གནང་བ་མ་ཟད། མཇུག་ཏུ་སློབ་མ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་ཡང་གནང་ཡོད།

རྒྱས་པར་གཟིགས་རོགས།