ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༤ ཉིན། མེ་སོར་ཧིན་དྷུའི་ཆོས་བརྒྱུད་ཚོགས་པ་ Brahma Kumari ནས་མགྲོན་བརྡ་ཕུལ་བ་ལྟར། སེར་བྱེས་དེང་དུས་ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་ལགས་དུས་དྲན་དེར་བཅར་ནས་ཆོས་ལུགས་མི་སྣ་གཞན་དང་ལྷན་དུ་ཚོགས་ནས་གཏམ་བཤད་གནང་། ཆོས་ལུགས་ཁག་འདྲ་མིན་མགྲོན་འབོད་ཞུས་པ་ནི་ཆོས་ལུགས་མཐུན་འབྲེལ་དང་ཆོས་ལུགས་ཁག་དམ་ཚིག་མཐུན་པོ་ཡོང་བ་ལ་དགེ་མཚན་ཆེན་པོ་ཡོད། སྤྱིར་ཚོགས་པ་འདིས་ཆོས་ཕྱོགས་བྱེད་སྒོ་སྤེལ་སྐབས་སེར་བྱེས་གྲྭ་ཚང་ལ་ཐེངས་འགའ་ཤས་མགྲོན་འབོད་གནང་མྱོང་ཡོད།
