དེ་ཡང་སྤྱི་ལོ་ ༢༠༡༤ ལོར་གྲྭ་ཚང་རིན་པོ་ཆེས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྙིང་ལ་བཅངས་ཏེ་རང་ཁོངས་སློབ་གཉེར་བའི་ཁྲོད་ནས་གནའ་དེང་གི་རིག་གནས་ལ་གཞན་དྲང་མི་འཇོག་པའི་འདབ་གཤོག་གཉིས་ལྡན་གྱི་སློབ་གཉེར་བ་གང་མང་སྐྱེད་བསྲིང་བྱེད་ཆེད། འདི་གའི་སེར་བྱེས་དེང་དུས་ཤེས་ཡོན་སྡེ་ཚན་གྱི་ཁྱབ་ཁོངས་སུ་སེར་བྱེས་སྒྲ་སྒྱུར་སྡེ་ཚན་འདི་ཉིད་ཆེད་འཛུགས་གནང་བ་ཞིག་ཡིན་ཞིང་། ད་ལྟའི་ཆར་སྒྲ་སྒྱུར་འཛིན་གྲྭ་གོང་འོག་གཉིས་ཀྱི་ནང་དུ་སློབ་གཉེར་གནང་མུས་ཀྱི་སློབ་མ་གྲངས་ ༢༠ ཙམ་དང་། སློབ་མཐར་ཕྱིན་པའི་སློབ་མ་གྲངས་ ༣༠ ཙམ་ཡོད་ལ། འདས་པའི་ལོ་འགའི་རིང་ལ་དོན་གཉེར་ཅན་གྱི་དགེ་བཤེས་དང་སློབ་གཉེར་བ་ཚོར་དམིགས་ཏེ་དབྱིན་ཇིའི་སྐད་ཡིག་འཛིན་གྲྭ་དང་། […]
རྒྱས་པར་གཟིགས་རོགས།Day: April 9, 2026
༢༠༢༦ ཚན་རིག་འཛིན་གྲྭ་དབུ་འབྱེད་མཛད་སྒོ།
ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་༩ ཉིན་ཚན་རིག་སྦྱོང་བརྡར་ཁང་གི་ཚོགས་ཁང་དུ་༸སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། ཁྲིམས་བདག་དགེ་བསྐོས་དགེ་བཤེས་ཚེ་རིང་དོན་གྲུབ་མཆོག། ཕྱག་མཛོད་ཆེན་མོ་དགེ་བཤེས་བློ་བཟང་ནོར་བུ་མཆོག་དང་། གནའ་དེང་ཤེས་ཡོན་འགན་འཛིན་རྣམ་པ་གཉིས་བཅས་དབུ་བཞུགས་ཐོག ༢༠༢༦ ལོའི་ཚན་རིག་གི་སློབ་དུས་གསར་པའི་མཛད་སྒོའི་སྐབས་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། […]
རྒྱས་པར་གཟིགས་རོགས།