༢༠༢༦ མོན་སློབ་མ་དབྱར་དུས་སློབ་གྲྭ་མཇུག་སྡུད་མཛད་སྒོ།

ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡༣ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དང་ཨ་རུ་ཎཱ་ཅལ་ནང་པའི་བདེ་དོན་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་ཞུས་པའི་མོན་པའི་སློབ་མ་ཁྱོན་གྲངས་ ༥༠ ཙམ་ལ་ཉིན་གྲངས་ ༢༡ རིང་ལ་དབྱར་དུས་ཟབ་སྦྱོང་ཐེངས་གསུམ་པ་ཚོགས་ཟིན་པའི་མཇུག་སྡོམ་མཛད་སྒོ་བསྐྱངས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། ཁྲིམས་བདག་དགེ་བསྐོས་དགེ་བཤེས་ཚེ་རིང་དོན་གྲུབ་ལགས། དབུ་མཛད་ཆེན་མོ་རྒན་དགེ་འདུན་དར་རྒྱས་ལགས། ཕྱག་མཛོད་དགེ་བཤེས་བློ་བཟང་མཁས་གྲུབ་ལགས། ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་གིས་དབུས། གྲོས་ཚོགས་རྒྱུན་ལས་དང་དགེ་སློབ་བཅས་ཚང་འཛོམས་ཐོག ཐོག་མར་ལྷག་དཀར་སྲུང་བརྩི་སླད་ལྷ་གསོལ་དབྱངས་འཐེན་དང་། དེ་ནས་མར་མེ་སྨོན་ལམ་དང་ཚད་མེད་ཡོན་ཏན་མ་གསུངས། དེ་རྗེས་བཀྲ་ཤིས་ཞོལ་པ་འཁྲབ་པ་དང་། སློབ་མ་བཞིས་སྐད་རིགས་མི་འདྲ་བའི་ཐོག་བདུན་ཕྲག་གསུམ་རིང་འདི་གར་སློབ་སྦྱོང་བྱས་པའི་མྱོང་ཚོར་གསུངས་པ་དང་། སྐུ་མགྲོན་རྣམས་ཀྱིས་རིམ་བཞིན་བཀའ་སློབ་གནང་བ་དང་། དགེ་སློབ་རྣམས་ལ་མཉམ་ཞུགས་ཕྱག་ཁྱེར་འབུལ་བ། མཐའ་མར་སློབ་མ་རྣམས་ཀྱིས་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ནས་མཛད་རིམ་མཇུག་སྒྲིལ་གནང་སོང་།

Leave a Reply

Your email address will not be published. Required fields are marked *