ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡༦ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཐུན་འགྱུར་འོག སེར་བྱེས་བཀྲིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་དུ། ཉེ་འཁོར་གྱི་སམ་བྷོ་ཊ་སློབ་གྲྭ་ཁག་གི་དབྱར་ཁའི་གུང་སེང་དང་སྟབས་བསྟུན་ནང་ཆོས་དང་བོད་ཀྱི་སྐད་ཡིག་ཟུར་སྦྱོང་འཛིན་གྲྭ་དབུ་འཛུགས་ཞུས་ཡོད། འདི་ལོར་སློབ་གྲྭ་ཁག་བརྒྱད་ཙམ་ནས་ཁྱོན་སློབ་མ་གྲངས་ ༥༢ འཛུལ་ཞུགས་གནང་ཡོད། ཟབ་སྦྱོང་འདི་ཉིན་གྲངས་ ༢༡ དང་། སློབ་དུས་ཞོགས་པ་ཚོུད་ ༩ ནས་ ༡༢ བར་གོ་སྒྲིག་ཞུ་བཞིན་ཡོད། སྐབས་འདིར་ལྟ་གྲུབ་དགེ་རྒན་ལྷ་རམས་དགེ་བཤེས་གཉིས་དང་། བོད་ཡིག་སློབ་ཁྲིད་གནང་མཁན་དགེ་རྒན་དྲུག་བཅས་ཡོད།
