སེར་བྱེས་མེ་སོར་མཐོ་སློབ་སྡེ་ཚན་གྱི་ནང་རྒྱུགས་འགོ་བཙུགས།

ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༧ དང་ ༩ ཉིན་གཉིས་ཀྱི་རིང་སེར་བྱེས་མེ་སོར་མཐོ་སློབ་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྡེ་ཚན་གསུམ་གྱི་སློབ་མ་རྣམས་ནང་རྒྱུགས་དང་པོ་བླངས་ཡོད་པ་དང་། སྐབས་དེར་གྲྭ་ཚང་གི་ཕྱག་མཛོད་ཆེན་མོ་དགེ་བཤེས་བློ་བཟང་ནོར་བུ་དང་། ཤེས་ཡོན་འགན་འཛིན་དགེ་བཤེས་བྱམས་པ་ཆོས་དབང་གཉིས་གཟིགས་སྐོར་ལ་ཕེབས་སོང་།
 
2026-2027 ལོར་ལྟ་གྲུབ་དང་སེམས་ཁམས་དང་བོད་ཀྱི་སྐད་ཡིག་བཅས་ཀྱི་ཉེ་བའི་གཙུག་ལག་སྡེ་ཚན་གསུམ་གྱི་སློབ་མ་གྲངས་ནི། ལོ་རིམ་དང་པོར་སློབ་མ་ ༦༦ དང་། ལོ་རིམ་གཉིས་པར་གྲངས་ ༢༧ ལོ་རིམ་གསུམ་པར་གྲངས་ ༣༥ བཅས་བསྡོམས་པའི་སློབ་མ་གྲངས་ ༡༢༨ ཡོད།

Leave a Reply

Your email address will not be published. Required fields are marked *