ཤེས་ཡོན་སྐོར་བསྐྱོད། སྦེང་ལོར་མཐོ་སློབ་ནས་ཕེབས།

ཤེས་ཡོན་སྐོར་སྐྱོད།
ཕྱི་ལོ་ ༢༠༢༦ ཟླ་ ༠༤ ཚེས་ ༢༧ ཉིན། སྦེང་ལོར་ནང་རྟེན་གཞི་བྱས་པའི་ཡེ་ཤུའི་མཐོ་སློབ་ (Dharmaram Vidya Kshetram, DVK) ནས་དགེ་རྒན་གསུམ་དང་། སློབ་ཕྲུག་བཅོ་ལྔ་བཅས་འདི་ག་སེར་བྱེས་མཁན་སྙན་གྲྭ་ཚང་དུ། ཤེས་ཡོན་སྐོར་སྐྱོད་ཆེད་ཕེབས་སྐབས། སེར་བྱེས་མཁས་སྙན་གྲྭ་ཚང་གི་དེང་དུས་ཤེས་ཡོན་སྡེ་ཚན་གྱི་ཁྱབ་ཁོངས་སེར་བྱེས་སྒྲ་སྒྱུར་སྡེ་ཚན་ནས་སྣེ་ལེན་དང་འབྲེལ། མ་འོངས་པའི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ཐད་གྲོལ་མོལ་བྱས་ཡོད།
སྤྱིར་སེར་བྱེས་གྲྭ་ཚང་དང་སྦེང་ལོར་མཐོ་སློབ་འདི་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད་ལོ་མང་སྔོན་ནས་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་སྣ་མང་སྤེལ་མྱོང་ཡོད། 

Leave a Reply

Your email address will not be published. Required fields are marked *