༢༠༢༦ ཚན་རིག་འཛིན་གྲྭ་དབུ་འབྱེད་མཛད་སྒོ།

ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་༩ ཉིན་ཚན་རིག་སྦྱོང་བརྡར་ཁང་གི་ཚོགས་ཁང་དུ་༸སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། ཁྲིམས་བདག་དགེ་བསྐོས་དགེ་བཤེས་ཚེ་རིང་དོན་གྲུབ་མཆོག། ཕྱག་མཛོད་ཆེན་མོ་དགེ་བཤེས་བློ་བཟང་ནོར་བུ་མཆོག་དང་། གནའ་དེང་ཤེས་ཡོན་འགན་འཛིན་རྣམ་པ་གཉིས་བཅས་དབུ་བཞུགས་ཐོག ༢༠༢༦ ལོའི་ཚན་རིག་གི་སློབ་དུས་གསར་པའི་མཛད་སྒོའི་སྐབས་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། ཁྲིམས་བདག་དགེ་བསྐོས་ལགས་དང་ཕྱག་མཛོད་ཆེན་མོ་བཅས་ནས་ཚན་རིག་སློབ་གཉེར་བ་ཡོངས་ལ་༸རྒྱལ་བའི་བཀའ་དགོངས་བཞིན་དེང་རབས་ཚན་རིག་གི་ཤེས་ཡོན་གལ་འགངས་ཆེ་བའི་བླང་དོར་བཀའ་སློབ་བཀྲིན་བསྐྱངས་གནང་མཛད་སོང་།

Leave a Reply

Your email address will not be published. Required fields are marked *