༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༥ ཉིན་སཾ་བྷོ་ཊའི་སློབ་གྲྭ་ཁག་གི་དབྱར་ཁའི་གུང་སེང་དང་སྟབས་བསྟུན་གྱིས་སེར་བྱེས་མཁས་སྙན་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་ཉིན་གྲངས་ཉེར་གཅིག་རིང་གི་ནང་ཆོས་དང་བོད་ཡིག་ཟུར་སྦྱོང་འཛིན་གྲྭ་ཐེངས་ ༡༧ པ་དེ་མཇུག་ལེགས་པར་གྲུབ་པའི་མཇུག་སྡོམ་མཛད་སྒོ་དེ་སེར་བྱེས་བཀྲིས་ཆོས་གླིང་ལ་བསྐྱངས་ཤིང་། སྐབས་དེར་སྐུ་མགྲོན་གཙོ་བོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བཀྲ་ཤིས་ཚེ་ཐར་མཆོག་དང་། དམིགས་བསལ་སྐུ་མགྲོན་སྦེལ་ཀོབ་བདེ་སླར་སྐུ་ངོ་ངག་དབང་བསྟན་འཛིན་མཆོག་དབུ་བཞུགས་ཐོག་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་བློ་བཟང་མཁསས་གྲུབ་ལགས་དང་། གྲྭ་ཚང་གི་གྲོས་ཚོགས་རྒྱུན་ལས་དང་དགེ་སློབ་ཕ་མ་བཅས་མཛད་སྒོར་མཉམ་ཞུགས་གནང་ཡོད།
སྐབས་དེར་སྐུ་མགྲོན་རྣམས་ཀྱིས་སློབ་མ་རྣམས་ལ་མཉམ་ཞུགས་ཕྱག་ཁྱེར་དང་ནང་ཆོས་དང་སྐད་ཡིག་རྒྱུགས་སྤྲོད་གྲུབ་འབྲས་རྩེར་སོན་རྣམས་ལ་ལེགས་སྐྱེས་བཅས་ཕུལ་སོང་།
