Day: June 7, 2026

སེར་བྱེེས་ཚན་རིག་སློབ་མ་རྣམས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཟབ་སྦྱོང་ནང་མཉམ་ཞུགས་བྱས།

ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཆ་ཤས་དབྱར་དུས་ཚན་རིག་ཟབ་སྦྱོང་དེ་འབྲས་བློ་གླིང་ཚན་རིག་ཁང་དུ་ཕྱི་ཟླ་ ༦ ཚེས་ ༣ ནས་དབུ་བཙུགས་ཏེ་ཟླ་བ་གཅིག་རིང་འཚོག་བཞིན་ཡོད་པ་དང། སྐབས་དེར་གྲྭ་ཚང་ཁག་མི་འདྲ་བ་ནས་སློབ་མ་གྲངས་ ༦༥ མཉམ་ཞུགས་གནང་བའི་ཁྲོད་ལ་སེར་བྱེས་གྲྭ་ཚང་ནས་དགེ་སློབ་གྲངས་བཅུ་གཅིག་ཡོད། ཐོག་མར་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་དེ་ནས་ཕྱག་མཛོད་ཆེན་མོས་བཀའ་སློབ་གནང་སོང་།

རྒྱས་པར་གཟིགས་རོགས།

མཻ་སོར་གཙུག་ལག་སློབ་གཉེར་ཁང་ནས་གཙུག་ལག་རབ་འབྱམས་པ་གསར་འཛུགས་ཆེད་ཞིབ་འཇུག་ལྟ་སྐོར་ཚོགས་མི་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༦ ཚེས་ ༥ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གཙུག་ལག་རབ་འབྱམས་པ་འཛུགས་ཆེད་དུ་མཻ་སོར་གཙུག་ལག་སློབ་གཉེར་ཁང་ནས་ཕེབས་པའི་ཞིབ་འཇུག་ལྟ་སྐོར་ཚོགས་མི་རྣམས་སེར་བྱེས་ཚན་རིག་སྦྱོང་བརྡར་ཁང་དུ་སྣེ་ལེན་ཞུས། ཐོག་མར་མགྲོན་ཁང་དུ་ཅུང་ཟད་ངལ་གསོ་གྲུབ་རྗེས། ཚན་རིག་འཛིན་གྲྭར་སྐྱེ་དངོས་རིག་པ་སོགས་སློབ་ཁྲིད་གནང་བཞིན་པ་ལ་གཟིགས་སྐོར་དང་འབྲེལ། ཐོག་བརྩེགས་གསུམ་པར་ལྷན་འཛོམས་ཀྱིས་ཚོགས་འདུ་དབུ་བཙུགས།  […]

རྒྱས་པར་གཟིགས་རོགས།