ས་ག་ཟླ་བའི་ནང་ཆོས་ངོ་སྤྲོད།

ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན། (༢༠༢༦ ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ནས་ཟླ་བ་ ༦ ཚེས་ ༡༥ བར།) འདི་ག་སེར་བྱེས་ཤེས་ཡོན་སྡེ་ཚན་གྱི་ཁོངས་གཏོགས་དབྱིན་སྒྱུར་སྡེ་ཚན་ནས་ས་ག་ཟླ་བ་སྲུང་བརྩི་སླད་དྲ་ཐོག་ནས་དོན་གཉེར་ཅན་རྣམས་ལ་ཨིན་སྐད་ཐོག་ནང་ཆོས་ངོ་སྤྲོད་ཟབ་སྦྱོང་གི་ལས་རིམ་ཟླ་བ་གཅིག་གི་རེས་གཟའ་ཉི་མ་ནམ་ཡིན་ལ་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་གི་བརྗོད་གཞི་ཁག་ནི། ས་ག་ཟླ་བའི་གལ་གནད་དང་། སྐྱབས་འགྲོ་ངོ་སྤྲོད། བདེན་གཉིས། སངས་རྒྱས་ཀྱི་གསུང་རབ་རྣམས་ཉིན་རེའི་འཚོ་བའི་ནང་ལག་ལེན་བསྟར་སྟངས་བཅས་ཡིན། འདི་ནས་རྒན་ཐུབ་བསྟན་སྐལ་ལྡན་ལགས་དང་རྒན་ངག་དབང་ཀུན་འཕེལ་ལགས་རྣམ་གཉིས་ལ་རེ་བསྐུལ་ཞུས་དོན་ལྟར། ཁོང་རྣམ་གཉིས་ནས་བཟོད་བསྲན་ཆེན་པོའི་སྒོ་ནས་སློབ་ཁྲིད་གནང་བ་དང་། དེ་བཞིན་ཟབ་སྦྱོང་རིང་དུས་ཚོད་བཏོན་ནས་དོ་སྣང་ཆེན་པོས་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *