༢༠༢༦ ལོའི་སེར་བྱེས་ཚན་རིག་འཛིན་གྲྭ་དབུ་འཛུགས།

སྤྱི་ལོ་ ༢༠༢༦ ཕྱི་ཟླ་ ༤ པའི་ཚེས་ ༡ ནས་བཟུང་ ༢༠༢༦ ལོའི་ཚན་རིག་སློབ་དུས་གསར་པ་དབུ་བཙུགས་གནང་། ཚན་རིག་སློབ་འཁྲིད་དགེ་རྒན་ལྷ་རམས་པ་རྒན་བློ་བཟང་ཕུན་ཚོགས་དང་རྒན་བསྟན་འཛིན་ཕུན་ཚོགས་ནས་དངོས་ཁམས་ཚན་རིག་དང་། ལྷ་རམས་པ་རྒན་སྐལ་ལྡན་རྒྱ་མཚོ་ནས་ཚན་རིག་ཀྱི་ལྟ་གྲུབ་དང་། རྒན་བསྟན་འཛིན་བྱང་ཆུབ་བཅས་ནས་སྐྱེས་དངོས་ཚན་རིག་སོགས་སློབ་འཁྲིད་གནང་སོང་།

Leave a Reply

Your email address will not be published. Required fields are marked *