ནིའུསི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་གྲུབ་འབྲས་ཕུལ་བའི་མཛད་སྒོ།

ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༢ ༸རྒྱལ་བའི་ལྷག་དཀར་ཉིན་སེར་བྱེས་ཤེས་ཡོན་སྡེ་ཚན་གྱི་ཚོགས་ཁང་དུ། དེང་དུས་ཤེས་ཡོན་ཚན་པའི་ཁྱབ་ཁོངས་ནིའྶོ་འཛིན་རིམ་བཅུ་པ་དང་། བཅུ་གཉིས་གཉིས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་པ་བཞིན། མཛད་སྒོའི་སྐུ་མགྲོན་དུ་གྲྭ་ཚང་གི་ཕྱག་མཛོད་དང། དེང་དུས་ཤེས་ཡོན་འགན་འཛིན། ནིའྶོ་འགན་འཛིན་བཅས་དབུ་བཞུགས་ཐོག་སེ་ར་བྱེས་ཀྱི་སློབ་གཉེར་བ་དང་། བཀྲིས་ལྷུན་པོའི་སློབ་གཉེར་བ། ཐེག་མཆོག་རྣམ་གྲོལ་གླིང་གི་སློབ་གཉེར་བ་བཅས་ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་དང་མཇལ་དར་བཅས་ཕུལ་ཡོད། སློབ་ཕྲུག་ཁོང་རྣམས་དགོན་པ་ལ་ནང་ཆོས་སློབ་གཉེར་བྱེད་པའི་ཞོར་ལ་དེང་རབས་ཀྱི་སློབ་ཚན་ཁག་ལ་སྦྱངས་པའི་གྲུབ་འབྲས་ལ་རྒྱུགས་སྤྲོད་མཐར་ཕྱིན་པ་བྱུང་ཡོད།

Leave a Reply

Your email address will not be published. Required fields are marked *