༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༤ རེས་གཟའ་ལྷག་པ་ཉིན། སེར་བྱེས་གྲྭ་ཚང་གི་ལས་སྣེ་འགའ་ཞིག་སྦེང་ལོར་དང་ཐག་ཉེ་བའི་ཏུམ་ཀུར་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་ Vice Chancellor […]
རྒྱས་པར་གཟིགས་རོགས།Category: གསར་འཕྲིན།
ཚན་རིག་འཛིན་གྲྭའི་བསླབ་པ་མཐར་ཕྱིན་པའི་མཛད་སྒོ།
ཕྱི་ལོ་༢༠༢༥ ཟླ་༦ ཚེས་༤ ཉིན། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་རྒྱུན་འཁྱོངས་རིམ་པའི་བསླབ་པ་མཐར་ཕྱིན་མཛད་སྒོ་དེ་བཞིན་འབྲས་བློ་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་ཟབ་རྒྱས་ངང་ཚོགས་ཡོད། སྐབས་དེར་ཚོགས་བཅར་མ་ཐུབ་པའི་རང་ཁོངས་དགེ་འདུན་པ་རྣམས་ལ། ཕྱི་ལོ་༢༠༢༥ ཟླ་༦ ཚེས་༡༢ ཉིན། སེར་བྱེས་ཚན་རིག་ཚོགས་ཁང་དུ་ཨེ་མོ་རི་དང་བོད་ཀྱི་ལས་རིམ་གྱི་ལག་བསྟར་རིམ་པའི་ཚན་རིག་བསླབ་པ་མཐར་སོན་གྱི་མཛད་སྒོ་སྟབས་བདེ་ཞིག་ཞུས་པར། […]
རྒྱས་པར་གཟིགས་རོགས།སྃ་བྷོ་ཊའི་དབྱར་དུས་སློབ། ༢༠༢༥
ཕྱི་ལོ་༢༠༢༥ ཟླ་བ་༠༥ ཚེས་༡༤ ནས་ཟླ་བ་༦ ཚེས་༣ བར་སེར་བྱེས་གྲྭ་ཚང་གི་གོ་སྒྲིག་འོག་བཀྲ་ཤིས་ཆོས་གླིང་ཤེས་ཡོན་བསྟི་གནས་ཁང་དུ་ཉིན་གྲངས་༢༡ རིང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭའི་གུང་སེང་དང་སྟབས་བསྟུན་སྦེལ་ཀོབ་སོགས་གཞིས་ཆགས་ཁག་གི་སློབ་མ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་། ནང་ཆོས་དང་སྐད་ཡིག་སོགས་སློབ་ཁྲིད་གནང་ཡོད། སྐབས་བཅུ་དྲུག་པའི་ཟབ་སྦྱོང་འདི་ནི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ལ་དམིགས་ནས་གྲྭ་ཚང་གི་མཐུན་འགྱུར་དང་དགེ་རྒན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན།
རྒྱས་པར་གཟིགས་རོགས།མེ་སོར་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་མཆོག་དང་ཐུག་འཕྲད།
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༣༠ རེས་གཟའ་པ་སངས་ཉིན། སེར་བྱེས་གྲྭ་ཚང་གི་སྐབས་ཉེར་བཞི་པའི་ཕྱག་མཛོད་གསར་པའི་ངོས་ནས་མེ་སོར་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་ Prof Lokanath […]
རྒྱས་པར་གཟིགས་རོགས།མོན་གྱི་སློབ་མའི་ཟབ་སྦྱོང་སྐབས་གཉིས་པ། ༢༠༢༥
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༠༤ ཚེས་ ༢༢ ནས་ཟླ་ ༥ ཚེས་ ༡༣ […]
རྒྱས་པར་གཟིགས་རོགས།ནིའུསི་འཛིན་རིམ་བཅུ་པའི་ནང་རྒྱུགས།
ཕྱི་ལོ་༢༠༢༥ ཟླ་བ་༣ ཚེས་༡༧ ནས་༢༩ བར་སེར་བྱེས་ནིའྶོ་ཤེས་ཡོན་བསྟི་གནས་ཁང་གི་སྦྱོང་བརྡར་རྒྱུགས་སྤྲོད་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་དང་། ད་ལན་སྦྱོང་བརྡར་རྒྱུགས་སྤྲོད་ནང་ལ་མཉམ་ཞུགས་གནང་མཁན་རང་རེའི་གྲྭ་ཚང་གི་སློབ་གཉེར་བ་དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གཉེར་བ། གདན་ས་བཀྲ་ཤིས་ལྷུན་པོའི་སློབ་གཉེར་བ། ཐེག་མཆོག་བཤད་སྒྲུབ་རྣམ་གླིང་དགོན་པའི་དགེ་བཙུན་གཉིས་ཀྱི་སློབ་གཉེར་བ། ཉེ་འཁོར་རྒྱ་གར་གྱི་ཡུལ་མིའི་སློབ་ཕྲུག་བཅས་ནས་སློབ་ཚན་ཁག་མི་འདྲ་བ་དྲུག་གི་ཐོག་སྦྱོང་བརྡར་རྒྱུགས་སྤྲོད་གཏོང་བཞིན་པས། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ལ་བརྩོན་པ་བཞིན་པའི་སློབ་གཉེར་བ་ཁོང་རྣམས་ཀྱི་རྒྱུགས་ལེགས་པར་གྲུབ་ནས་གྲུབ་འབྲས་གཡུར་དུ་ཟ་བ་སྨོན།
རྒྱས་པར་གཟིགས་རོགས།ཅེ་ན་ཡེ་ནས་སློབ་མ་ཁག་ཅིག་གྲྭ་ཚང་དུ་ཕེབས།
རྒྱ་གར་གྱི་མངའ་སྡེ་ཆེ་ནཱེའི་ནང་རྟེན་གཞི་བྱས་པའི་སློབ་གྲྭ་ཧི་ར་ནན་ད་ནི་ (Hiranandani Upscale School) ཡི་ཚན་པ་འདྲ་མིན་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་སུམ་ཅུ་ཙམ་དང་། དེ་བཞིན་དགེ་རྒན་བཞི་བཅས་འདི་ག་གྲྭ་ཚང་དུ་ཤེས་ཡོན་སྐོར་སྐྱོད་ཕེབས་སྐབས། རྒན་ཐུབ་བསྟན་སྐལ་ལྡན་ལགས་ནས་གྲྭ་ཚང་གི་སློབ་གཉེར་གནང་ཕྱོགས་སོགས་ངོ་སྤྲོད་མདོར་བསྡུས་དང་། དེ་བཞིན་སེམས་ཁམས་རིག་པའི་སྐོར་ནས་སློབ་ཕྲུག་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གནང་ཡོད།
རྒྱས་པར་གཟིགས་རོགས།མེ་སོར་ཚོང་ཁྲོམ་ནང་དཔེ་དེབ་འགྲེམས་སྟོན།
ཕྱི་ལོ་༢༠༢༥ ཟླ་བ་༢ ཚེས་༡༩ སྐུ་ཡི་ལྷག་དཀར་ཉིན་རང་ཅག་རྣམས་ཀྱི་མགོན་སྐྱབས་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་ཆེད་ལས་རིམ་མང་པོ་ཡོད་པའི་ནང་ནས་གཅིག་ཉིན་དེར་མེ་སོར་གྲོང་ཁྱེར་གྱི་དབུས་སུ་རྟེན་གཞི་བྱས་པའི་མི་ཚོགས་མང་པོ་འཛོམས་སའི་ཁྲོམ་ར་ཆེན་མོ་( Nexus Centre City ) ནང་དུ་རང་རེའི་གྲྭ་ཚང་གི་དེང་དུས་ཤེས་ཡོན་སྡེ་ཚན་གྱི་ཁྱབ་ཁོངས་སྒྲ་བསྒྱུར་སྡེ་ཚན་དང་། མེ་སོར་བོད་ཀྱི་སྡོད་ཁང་གཉིས་ཟུང་འབྲེལ་ཐོག་གོང་གི་ས་གནས་སུ་ཉིན་ལྔ་ཡི་རིང་དུ་གཙོ་བོར་རྒྱ་གར་ཡུལ་མི་དང་། བོད་དོན་ལ་དོ་སྣང་ཡོད་མཁན་ཚོར་༸སྤྱི་ནོར་༸གོང་ས་མཆོག་གི་དགོངས་གཞི་གཏིང་ཟབ་རྣམས་ཀྱི་གོ་རྟོགས་སྤེལ་སླད། […]
རྒྱས་པར་གཟིགས་རོགས།བོད་ཀྱི་ཚན་རིག་འདུ་འཛོམས་ཐེངས་བདུན་པ།
ཕྱི་ལོ་༢༠༢༥ ཟླ་བ་༡ ཚེས་༢༩ ནས་ཟླ་བ་༢ ཚེས་༡ བར་བིངྒ་ལོར་གྲོང་ཁྱེར་དུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་སློབ་ཏུ་བོད་ཀྱི་ཚན་རིག་འདུ་འཛོམས་ཐེངས་བདུན་པ་དེ་འཚོགས་ཡོད་པ་དང་། སྐབས་དེར་དགེ་བཤེས་ཐབས་མཁས་ལགས་དང་། རྒན་སྐལ་ལྡན་རྒྱ་མཚོ་ལགས་གཉིས་མཉམ་ཞུགས་གནང་ཡོད། དགེ་བཤེས་ཐབས་མཁས་ལགས་ཀྱིས་མི་བཟོས་རིག་ནུས་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག ཆེད་ལས་མཁས་དབང་ཁཱེ་རི་སི་ལགས་དང་བཞུགས་མོལ་བགྲོ་གླེང་གནང་བ་མ་ཟད། རང་རེའི་ཚན་རིག་ཁང་གི་ཞིབ་འཇུག་བྱེད་བཞིན་པའི་དཔྱད་འཇོག་གཉིས་ཀྱི་སྒོམ་དང་དབང་རྩའི་འབྲེལ་ལམ་ཞེས་པའི་ཐོག་གསུང་བཤད་གནང་ཡོད། […]
རྒྱས་པར་གཟིགས་རོགས།པི་ཟ་མཐོ་སློབ་དང་ཟུང་འབྲེལ་གྱི་སྒོམ་ཉམས་ཞིབ།
ཕྱི་ལོ་༢༠༢༥ཟླ་༡ ཚེས་༨ ཉིན། རང་རེའི་ཚན་རིག་ཁང་དང་། ཨེ་ཊ་ལི་པི་ཟ་མཐོ་སློབ་གཉིས་ཀྱིས་སྒོམ་ཞིབ་འཇུག་དབུ་འཛུགས་གནང་ཞིང། ད་རེས་ཞིབ་འཇུག་ནང་སྒོམ་ལ་མྱོང་འདྲིས་ཡོད་པའི་དགེ་བའི་བཤེས་གཉེན་དང་དགེ་འདུན་པ་མི་ཉུང་ཞིག་ལ་དཔྱད་འཇོག་གི་སྒོམ་ལ་ཞིབ་འཇུག་ཞུས་ཞིང་ཕྱི་ཚེས་༡༨ ཉིན་ལེགས་པར་གྲུབ། ༧རྒྱལ་བའི་དགོངས་པ་དང་བསྟན་བ་སྤྱི་ལ་དགོངས་ནས་ཁྱེད་རྣམ་པས་ལས་གཞི་འདིར་མཉམ་ཞུགས་གནང་བར་བཀའ་དྲིན་ཆེ་ཞུ།
རྒྱས་པར་གཟིགས་རོགས།